96333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྱུ་ལུས་ཀྱི་དབྱེ་བ་བདུན་ (1)
Part of speech མིང་ཚིག
Definition དཔེའི་སྒྱུ་མ་ནི། མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །ཞེས་སོགས་ལྟར་རྫས་སོགས་ལ་བརྟེན་ནས་དོན་ལ་མེད་བཞིན་དུ་གློ་བུར་དུ་རྟ་གླང་སོགས་འཆར་བའོ། ། སྣང་བ་སྒྱུ་མ་ནི། རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །ཞེས་སོགས་ལྟར་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་སྣང་བཞིན་དུ་བདེན་པར་མེད་པ་འདིའོ། །རྨི་ལམ་སྒྱུ་མ་ནི། རྣམ་འགྲེལ་ལས། ལུས་ཡིན་ན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཞེས་སོགས་ལྟར་བག་ཆགས་ལས་བྱུང་བའི་རྨི་ལམ་གྱི་ལུས་རླུང་སེམས་ཕྲ་བ་ལས་གྲུབ་པ་གང་ལའང་ཐོགས་པ་མེད་དེའོ། །བར་དོ་སྒྱུ་མ་ནི། མཛོད་ལས། དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ཞེས་སོགས་ལྟར་ཡིད་ལས་བྱུང་བའི་བར་དོའི་ལུས་དབང་པོ་ཀུན་ཚང་ཐོགས་མེད་དུ་རྒྱུ་བ་དེའོ། །འོད་གསལ་སྒྱུ་མ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལས་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོ་ག་བཤད། འོད་གསལ་སྒྱུ་མ་དག་གི་ནི། །སྒྱུ་མ་འཇིག་རྟེན་ལ་བརྗོད་དོ། །ཞེས་སོགས་རྫོགས་རིམ་སྒོམ་སྟོབས་ལས་བྱུང་བའི་སྟོང་གཟུགས་པྲ་ཕབ་པ་ལྟ་བུའོ། །སྤྲུལ་པ་སྒྱུ་མ་ནི། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་དཀྱིལ་འཁོར་སོགས་སོ། །ཡེ་ཤེས་སྒྱུ་མ་ནི། མདོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་སོ། །
Domain ཆོས་ལུགས།