964
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཁམ་སྐྱ་རྩ་ཕྲན་ཁ་ཤས་ཡོད་པ་དང་། སྡོང་པོ་ཕྲ་ལ་ལྡེམ་ཞིང་སྟོད་ཆ་ཕྲ་བ་དང་རྩེ་རིམ་བཞིན་རྣོ་བས་མདུང་རྩེའི་དབྱིབས་འདྲ་ལ་ཉག་ག་ཆུང་ཆུང་ཡོད་པ་རེ་མོས་སུ་སྐྱེ་ཞིང་། ལོ་མའི་གཞུང་རྒྱུག་རྩ་རིས་སྦོམ་ཞིང་གསལ་བ། ལོ་མ་དང་ཤིང་སྡོང་གཉིས་ཀར་བལ་སྤུ་འདྲ་བའི་སྤུ་དཀར་འཇམ་པོ་ཡོད་པ། རྩ་སྡོང་བཅད་ཚེ་འོ་མ་འབབ་པ་དང་དྲི་ངན་པ། མེ་ཏོག་སྔོ་དཀར་ཆུང་ལ་ངར་བ་རིང་ཞིང་དྲིལ་བུའི་དབྱིབས་ཀྱི་ཁ་ཐུར་དུ་འཕྱངས་པ་དེ་སྡོང་པོ་དང་ཡལ་གའི་སྟོད་ཆ་ནས་རིམ་བཞིན་འཆར་བ། སྨིན་ཚེ་འབྲུ་གུ་རིལ་མོ་སེར་སྨུག་ནང་འབྲས་བུ་ཞིབ་མོ་མང་པོ་ཡོད་པ་སྟེ། རི་མ་ལྡེབས་ཀྱི་བྲག་འོག་དང་། ན་གསེབ། རི་མ་ཐང་གི་བྱེ་ཤས་ཆེ་བའི་ཞིང་ཁའི་མུ་སོགས་སུ་སྐྱེ་བ། རྩ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཅུང་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ལུས་ཀྱི་ཆུ་ཁམས་ཉམས་པས་གློ་བར་ཚ་བ་རྒྱས་པ་དང་། གློ་དང་ལུད་པ་མང་བ། གློ་བར་ན་ཟུག་གཏོང་བ་སོགས་ལ་ཕན་པ་ཡིན། |