96405

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་ཉམས་པའི་དམིགས་བསལ་ (1)
Part of speech མིང་ཚིག
Definition སྙན་ངག་གི་སྐྱོན་སེལ་གྱི་རྒྱན་གྱི་ནང་གསེས་དྲུག་པ་སྟེ། རྗོད་བྱེད་ཀྱི་ཚིག་གང་དུ་རྣམ་དབྱེའི་ཚིག་ཕྲད་སོགས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་སོགས་སྐད་ཡིག་གང་དང་གང་གི་བརྡ་སྤྲོད་པའི་ལུགས་སྲོལ་ལས་ཉམས་པ་ཞིག་ཡིན་ཀྱང་། སྐབས་རེ་རྣམ་དབྱེའི་ཚིག་ཕྲད་སོགས་སྦྱོར་ཚུལ་གཞན་བྱས་ཀྱང་སྒྲ་ཉམས་པའི་སྐྱོན་དུ་མི་འགྱུར་བ་ཡང་ཡོད།
Example རྒྱལ་དབང་ལྔ་པས། རྒྱལ་བས་ཐུགས་རྗེ་ཆེར་འཕེལ་བས། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི། ། ཕན་བདེའི་འཁྲི་ཤིང་མྱུ་གུ་དེ། །དབྱར་གྱི་མཚོ་ལྟར་འཕེལ་བར་གྱུར། །ཅེས་རྒྱལ་བས་ཞེས་པ་ལ་རྣམ་དབྱེ་དྲུག་པ་ཐོབ་ནའང་། བྱེད་ཚིག་བྱས་ཀྱང་འགྲིག་པས་སྐྱོན་མེད།
Domain རྩོམ་རིག