96406
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྙན་ངག་གི་སྐྱོན་སེལ་གྱི་རྒྱན་གྱི་ནང་གསེས་དྲུག་པ་སྟེ། རྗོད་བྱེད་ཀྱི་ཚིག་གང་དུ་རྣམ་དབྱེའི་ཚིག་ཕྲད་སོགས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་སོགས་སྐད་ཡིག་གང་དང་གང་གི་བརྡ་སྤྲོད་པའི་ལུགས་སྲོལ་ལས་ཉམས་པ་ཞིག་ཡིན། |
| Example | རྒྱལ་དབང་ལྔ་པས། འཁོར་བར་འཁྱམས་པའི་འགྲོ་བ་རྣམས། །གཏན་བདེ་ཐོབ་ལས་ཕྱག་བཙལ་ཏེ། ། སངས་རྒྱས་རྣམས་ལ་བྱིན་རླབས་ནས། །འདོད་པའི་དོན་ཀུན་གྲུབ་པར་གྱུར། ། ཅེས་པ་གཏན་བདེ་ཐོབ་ཕྱིར་དང་། སངས་རྒྱས་རྣམས་ཀྱིས་ཞེས་འབྱུང་དགོས་ལ། དེ་ལྟར་དུ་མ་བྱུང་བས་བརྡ་སྤྲོད་ཀྱི་གཞུང་དང་མི་མཐུན་པའི་སྐྱོན་ཡོད་པ་ལྟ་བུ། |
| Domain | རྩོམ་རིག |