96412

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་དོན་གཉིས་ (1)
Part of speech མིང་ཚིག
Definition ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། ༡ སྒྲ་ནི། ཚིག་དང་ཡི་གེར་ཕྲད་པའི་རྣམ་པར་རྟོག་པ་ཡིན་ཏེ། སོ་དང་། འགྲམ་པ་དང་། རྐན་དང་། ལྕེ་དང་། མཆུ་སྦྱར་བ་ལས་བྱུང་བ་ཕན་ཚུན་སྨྲ་བར་རྣམ་པར་རྟོག་པའི་བག་ཆགས་ཀྱི་རྒྱུ་ལས་སྐྱེས་པ་ནི་སྒྲ་ཞེས་བྱའོ། །༢ དོན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་གཅིག་པུ་དབེན་པར་སོང་ནས་ཐོས་པ་དང་། བསམས་པ་དང་། བསྒོམས་པའི་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་རང་གི་བློས་བག་ཆགས་ཀྱི་གནས་རབ་ཏུ་གྱུར་པ་སྔོན་དུ་འགྲོ་བ་སོ་སོ་རང་གིས་རིག་པ་འཕགས་པའི་སྤྱོད་ཡུལ་ས་དང་སའི་གནས་གཞན་གྱི་བྱེ་བྲག་དང་། དོན་གྱི་མཚན་ཉིད་ལ་འཇུག་པ་ལ་རབ་ཏུ་དཔྱོད་ན། དོན་ལ་མཁས་པ་ཡིན་ནོ། །
Domain ཆོས་ལུགས།