96424
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་ལམ་འབྲས་ཀྱི་གནས་མཆོག་མུཀ་གུ་ལུང་གི་ཕུག་པ་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། འདིའི་ནང་དུ་གུར་བརྟག་ས་གསུམ་སོགས་རྒྱུད་ཀྱི་རྒྱལ་པོ་དུ་མ་དང་བསྟན་ཆོས་རྣམ་པར་དག་པ་དུ་མའི་འགྱུར་མཛད་པའི་གནས་ཡིན་ལ། དབང་བསྐུར་བྱིིན་རླབས་ཕུག་ནི། སྨིན་བྱེད་དང་གྲོལ་བྱེད་ཀྱི་དབང་བསྐུར་མཛད་པའི་གནས་ཏེ། ལོ་པཎ་འདི་གཉིས། ཁྱད་པར་དུ་དང་པོའི་དབང་གི་ཆོས་ཀྱི་སྒོ་འབྱེད། བར་གྱི་དབང་གིས་དམ་ཚིག་གི་ཉམས་ཆག་གསོས། ཐ་མའི་དབང་གིས་ཉམས་མྱོང་གི་རྟོགས་པ་སྐྱེས། ཅེས་ལམ་གྱིས་ཐོག་མཐའ་བར་གསུམ་དུ་དབང་ཉིད་གལ་ཆེ་བར་བཞེད་པས། ཕུག་རྣམས་ཀྱི་ནང་ན་ཡང་འདི་ཉིད་མཆོག་ཏུ་བཞེད་དོ། ། |