96426

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་བྱུང་གི་གྲགས་པ་ (1)
Part of speech མིང་ཚིག
Definition གྲགས་རུང་དོན་ལ་གྲུབ་ན་ཡང་། །བརྡ་དང་བརྗོད་འདོད་ལ་བརྟེན་པའི། །སྒྲ་གྲུབ་ན་ནི་གྲུབ་བོ་ཞེས། །བསྟན་ཕྱིར་སྒྲ་བྱུང་གྲགས་པ་གསུངས། །སྒྲ་ཐམས་ཅད་ཀྱི་རུང་བ་དོན་ཐམས་ཅད་ལ་གྲུབ་མོད་ཀྱི། སྒྲ་བརྡ་དང་བརྡ་བརྗོད་འདོད་ལ་བརྟེན་ནས་གྲུབ་ནའང་གྲགས་པ་གྲུབ་བོ་ཞེས་བསྟན་པའི་ཕྱིར་སྒྲ་ལས་བྱུང་བའི་ཞེས་གསུངས་ཏེ། སྒྲ་ནི་བརྡ་ལ་བརྟེན་པ་ཡིན། །དེ་ཡང་འདོད་ཙམ་བརྟེན་པ་ཡིན། །སྒྲ་ཡི་གྲུབ་པ་མི་འགྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པ་གསུངས། །ཞེས་བཤད་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། སྒྲ་ལས་བྱུང་བའི་གྲགས་པ་ནི། སྔར་གྱི་བརྗོད་རུང་གི་གྲགས་པ་དེ་ཉིད་ལ་སླར་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་དེའི་མིང་གིས་བརྗོད་པའི་དགོས་པ་ནི། སྒྲས་བརྗོད་རུང་ཙམ་དོན་ཐམས་ཅད་ལ་གྲུབ་མོད་ཀྱི། བརྡ་ལ་བརྟེན་པ་དང་། བརྡ་དེ་ཡང་བརྗོད་འདོད་ལ་བརྟེན་ནས་གྲུབ་ན། གྲགས་པའང་གྲུབ་བོ་ཞེས་བསྟན་པའི་ཕྱིར་དུ་ཡིན་ཏེ། སྒྲ་ལ་ལྟོས་པ་ལ་སྒྲ་ལས་བྱུང་བ་ཞེས་གསུངས་སོ། །དེ་ལྟར་ན་གྲགས་པས་གྲུབ་པའི་ཡུལ་ཅན་ནི། རྗེས་དཔག་ཡིན་པས་རྗེས་དཔག་གི་ཡུལ་ལ་འགལ་བ་ལ་མི་འཁྲུལ་བ་མི་སྲིད་པས་དེའི་ལོག་ཕྱོགས་བརྗོད་མི་རུང་ཕྱོགས་མ་ཡིན་ཅེས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།