96430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་བློ་རྣམ་གྲངས་པ་ (1)
Part of speech མིང་ཚིག
Definition སྒྲ་བློ་རྣམས་མིང་ཐ་དད་ཙམ་ལས་དོན་ལ་གོ་བ་ཐ་དད་དུ་མེད་པའི་རྣམ་གྲངས་པ། སྤྲོས་ན། སྒྲ་རྟོག་སྒྲུབ་འཇུག་འདོད་ན། སྒྲ་རྟོགས་པའི་རྟོག་པས་སྒྲ་ཡི་སྟེང་གི་བྱས་མི་རྟག་སོགས་ཀུན་ངེས་པ་དང། སྒྲ་བརྗོད་པའི་སྒྲས། སྒྲ་ཡི་སྟེང་གི་བྱས་མི་རྟག་སོགས་ཀུན་བརྗོད་དགོས། དེ་ལྟར་ན། སྒྲ་བརྗོད་པའི་སྒྲ་དང་། སྒྲ་ཡི་སྟེང་གི་བྱས་མི་རྟག་བརྗོད་པའི་སྒྲ་གཉིས་མིང་གི་རྣམ་གྲངས་ཙམ་འགྱུར་བ་དང་། དེ་བཞིན་དུ་སྒྲ་རྟོགས་པའི་རྟོག་པ་དང། སྒྲ་ཡི་སྟེང་གི་བྱས་མི་རྟག་སོགས་སྒྲ་ཡི་ཁྱད་ཆོས་རེ་རེ་ནས་རྟོགས་པའི་རྟོག་པ་རྣམས་ཀྱང་མིང་གི་རྣམ་གྲངས་ཙམ་དུ་ཟད་པ་འགྱུར། དེ་བཞིན་དུ་སྒྲ་ཡི་སྟེང་གི་བྱས་པ་ཡུལ་དུ་བྱེད་པའི་རྟོག་པས། སྒྲ་ཡི་སྟེང་གི་མི་རྟག་པ་ཡུལ་དུ་བྱེད་དགོས་པས། སྒྲ་བློ་ཚང་མ་རྣམ་གྲངས་ཙམ་ཆགས་ནས་འབད་རྩོལ་ཅུང་ཟད་ཙམ་ཡང་བསྟེན་མི་དགོས་པར་བྱས་མི་རྟག་ཚང་མ་རྟོགས་འགྲོ་བས་ཧ་ཅང་ཐལ་ལ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། སྒྲ་ཡི་སྟེང་གི་བྱས་པ་ཡུལ་དུ་བྱེད་པའི་སྒྲ་རྟོག་སྒྲུབ་འཇུག་ཡིན་ན། དེས་སྒྲ་ཡི་སྟེང་གི་མི་རྟག་པར་ངེས་དགོས། དེ་ལྟར་ན་སྒྲའི་སྟེང་གི་བྱས་པ་ཡུལ་དུ་བྱེད་པའི་སྒྲ་རྟོག་དང། སྒྲ་ཡི་སྟེང་གི་མི་རྟག་པ་ཡུལ་དུ་བྱེད་པའི་སྒྲ་རྟོག་རྣམས་སྒྲ་བློ་རྣམ་གྲངས་པར་ཐལ་བར་འགྱུར་བའི་ཕྱིར། ཞེས་སོ། །
Domain ཚད་མ།