9644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་མེ་ཁྱི་ཕྱི་ལོ་ ༡༨༢༦ ལོར་མདོ་སྨད་བྱ་ཁྱུང་ལྷ་སྡེར་འཁྲུངས། ཆུང་ངུའི་དུས་ནས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང། མཚན་ལ་ངག་དབང་བསྟན་འཛིན་མཆོག་གྲུབ་ཅེས་གསོལ། བྱ་ཁྱུང་དགོན་པའི་ཆོས་སྒོར་ཞུགས། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་བྱང་བར་མཛད། བཅོ་ལྔ་པར་དབུས་སུ་ཕེབས། སྐུ་གོང་མའི་གཟིམས་ཁང་དུ་བཞུགས་པས་གཟིམས་ཁང་བར་གྲགས། སེར་བྱེས་གྲྭ་ཚང་དུ་ཞུགས། དབུ་མ་དང་། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་བསམ་མཛད། བཞི་བཅུ་པར་ལྷ་རམས་དམ་བཅའ་བཞག ཨང་གཉིས་པའི་མཚན་བཏགས་བཞེེས། རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་པར་མཛད། ཞེ་བདུན་པར་མངའ་རིས་མཐོ་ལྡིང་གི་མཁན་པོར་ཕེབས། ལོ་བདུན་རིང་ལེགས་པར་བསྐྱངས། རེ་གཉིས་པ་ རབ་བྱུང་བཅོ་ལྔ་པའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་སྐུ་གཤེགས། དགའ་ལྡན་ཁྲི་རབས་རེ་དྲུག་པ་སྣུབས་ངག་དབང་སྙན་གྲགས་པའི་ཡང་སྤྲུལ་ཡིན། གཟིམས་ཁང་པའི་སྐུ་ཕྲེང་གཉིས་པ་ཡིན། |