96447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་ན་རྟགས་དེ་ཡིན་པས་མ་ཁྱབ་པ་ཡོད་པའི་རྟགས་དེ་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཞེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རང་བཞིན་གྱི་རྟགས་ཡང་དག་དང་། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས། མཚན་གཞི་རིམ་པ་ལྟར། བྱས་པ་དེ་དང་པོ་དང། བྱས་པའི་བྱེ་བྲག་གཉིས་པ་ཡིན། དེ་སྒྲུབ་པ་ནི། བྱས་པ་དེ་དང་པོ་ཡིན་ཏེ། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག མི་རྟག་པ་ཡིན་ན། བྱས་པ་ཡིན་པས་ཁྱབ་པའི་ཕྱིར། བྱས་པའི་བྱེ་བྲག་དེ་གཉིས་པ་ཡིན་ཏེ། བྱས་པའི་བྱེ་བྲག་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག མི་རྟག་པ་ཡིན་ན་བྱས་པའི་བྱེ་བྲག་ཡིན་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།