9645
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ་ ༡༨༨༩ ལོར་མདོ་སྨད་མཚམས་རིང་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ས་རལ་མཁན་ཆེན་ལས་རབ་ཏུ་བྱུང་། མཚན་ལ་དགེ་འདུན་ངག་དབང་རྒྱ་མཚོ་ཞེས་གསོལ། བྱ་ཁྱུང་དགོན་པའི་ཆོས་གྲྭར་ཞུགས། ཕྱི་ནང་གི་རིག་གནས་ཀུན་ལ་གསན་བསམ་མཛད། བདེ་ཡངས་རིན་པོ་ཆེ་ལས་བསྙེན་པར་རྫོགས། ཟབ་ཆོས་མང་དུ་གསན། ཉེར་གཅིག་པར་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། ལོ་དྲུག་རིང་པོད་ལྔའི་གཞུང་སྦྱངས་པར་མཛད། རང་ཡུལ་དུ་བྱོན་ཏེ་སྒྲུབ་ཁང་ཚང་། ཆེ་ཤོས་རིན་པོ་ཆེ། ཞྭ་དམར་པཎྜི་ཏ། རྡོ་རྗེ་འཆང་ཨབྷྱ་ཞབས་སོགས་བསྟེན། ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་ཐུན་མོང་མ་ཡིན་པའ་མང་དུ་ཞུས། ཧལ་ཧ་དཔལ་ལྡན་ཇ་སག་ཏུ་སྔ་ཕྱི་ལན་གསུམ་དུ་ཕེབས། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། རྒྱ་ནག་རི་བོ་རྩེ་ལྔར་མཆོད་མཇལ་དུ་སྔ་ཕྱིར་ལན་གཉིས་ཕེབས། བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲིའི་གོ་གནས་བདག་གིེར་བསྐྱངས། དགུང་ལོ་བདུན་བཅུར་སོན་ཡང་བགྲེས་སྐྱོན་མི་མངའ་བར་བསྟན་འགྲོའི་ཞབས་འདེབས་མཛད། འདས་ལོ་མི་གསལ། གཟིམས་ཁང་སྐུ་ཕྲེང་གསུམ་པ་ཡིན། |