96452
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་གྱི་བློ་ངོ་ན་དཔེ་ཡི་སྒོ་ནས་མི་མཐུན་ཕྱོགས་རྟག་པ་ལས་ལྡོག་པར་གོ་བྱེད་ཀྱི་རྒྱུ་མཚན་ནམ་སྒྲུབ་བྱེད་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་དང་མི་ལྡན་པའི་མཐུན་དཔེ་ཡང་དག་ཡོད། ཁྱོད་མི་རྟག་པ་ལ་འབྲེལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་ཁོ་ནར་ཚད་མས་ངེས་པ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པའི་མཚན་ཉིད། མཚན་གཞི་ནི་བྱས་པ་ཞེས་གསུངས། |
| Domain | ཚད་མ། |