96458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་མི་སྙན་ན་ཡོད་པའི་མི་དགེ་བ་ (1)
Part of speech མིང་ཚིག
Definition བྱང་སྒྲ་མི་སྙན་གྱི་སེམས་ཅན་ལ་ལྡན་པའི་མི་དགེ་བའི་ལས་ཀྱི་ལམ་རྣམས་ཏེ། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་དག་ལྡན་པའི་སྒོ་ནས་ཡོད་དེ། དེ་དག་གི་གཉེན་པོ་མེད་པའི་ཕྱིར་དང་། འོན་ཏེ་མངོན་གྱུར་དུ་མེད་དེ། ང་ཡིར་འཛིན་པ་མེད་པའི་ཕྱིར་དང་། རྒྱུད་འཇམ་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་དང་། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེར་ཚིག་ཀྱལ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཡོད་དེ། དེ་དག་རེས་འགའ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གླུ་ལེན་པའི་ཕྱིར་དངོས་སུ་ཡང་ཡོད་དོ། །གཞན་སྲོག་གཅོད་པ་ལ་སོགས་པ་མེད་དེ། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་དང་། ཚེ་ངེས་པའི་ཕྱིར་དང་། རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་རོ། །གཞན་ཡང་སྒྲ་མི་སྙན་དེར་མི་ཚངས་པར་སྤྱོད་པ་ཡོད་དེ། དེ་དག་ནི་བུད་མེད་གང་དག་ལྷན་ཅིག་དགའ་བར་འདོད་པ་དེའི་ལག་ནས་བཟུང་ནས་ཤིང་གི་དྲུང་དུ་འགྲོ་སྟེ། གལ་ཏེ་བགྲོད་པར་བྱ་བ་ཞིག་ཡིན་ན་ནི་ཤིང་གིས་སྒྲིབ་པར་བྱེད་པས་དེ་དག་དེ་ལ་ཉལ་པོ་བྱེད་དོ། །ཅི་སྟེ་བགྲོད་པར་བྱ་བ་མ་ཡིན་པ་ཞིག་ཡིན་ན་ནི་སྒྲིབ་པར་མི་བྱེད་པས་ནི་དེ་དག་དེ་ལ་ཉལ་པོ་མི་བྱེད་དོ། །
Domain ཆོས་ལུགས།