96460

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་མི་སྙན་ལ་ལྡན་པའི་མི་དགེ་བའི་ལས་ལམ་གྱི་གྲངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱང་གི་སྒྲ་མི་སྙན་ན་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་ལྟ་གསུམ་ལྡན་པའི་སྒོ་ནས་ཡོད་དེ། དེ་དག་གི་གཉེན་པོ་མེད་པའི་ཕྱིར་རོ། །མངོན་དུ་གྱུར་པའི་སྒོ་ནས་ནི་མེད་དེ། གོ་རིམ་བཞིན་དུ་ང་ཡིར་འཛིན་པ་མེད་པས་རྫས་བཟུང་བ་མེད་པའི་ཕྱིར་དང་། རྒྱུད་འཇམ་པ་དང་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་མེད་པའི་ཕྱིར་དང་། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་རོ། །སྒྲ་མི་སྙན་དེ་ན་དེ་དག་རེས་འགའ་ཉོན་མོངས་ཅན་གྱི་སེམས་ཀྱིས་གླུ་ལེན་པའི་ཕྱིར་མི་དགེ་བ་བདུན་པ་ངག་ཀྱལ་ནི་དངོས་སུ་ཡང་ཡོད་དོ། །ཡང་གི་སྒྲ་ནི་ལྡན་པའི་སྒོ་ནས་ཡང་ཡོད་པ་སྡུད་པའོ། །སྲོག་གཅོད་པ་ནི་མེད་དེ། སྡིག་པ་ཅན་གྱི་བསམ་པ་མ་ཡིན་པ་དང་ཚེ་ངེས་པའི་ཕྱིར་རོ། །རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་དང་། མ་ལ་སོགས་པ་བགྲོད་པར་བྱ་བ་མ་ཡིན་པ་ཡིན་ན་ནི། རང་གི་དཔག་བསམ་གྱི་ཤིང་གིས་མི་སྐྱོབ་པས་དེ་དག་མི་སྤྱོད་པའི་ཕྱིར་མ་བྱིན་པར་ལེན་པ་དང་འདོད་ལོག་མེད་དེ། དགོས་པ་མེད་པའི་ཕྱིར་དང་། རྒྱུད་འཇམ་པའི་ཕྱིར་རྫུན་དང་ཕྲ་མ་དང་ཚིག་རྩུབ་ཀྱང་མེད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།