96472

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་འཛིན་དབང་མངོན་ (1)
Part of speech མིང་ཚིག
Definition སྒྲ་འཛིན་དབང་མངོན་ཞེས་པ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རྣ་བའི་དབང་པོ་དང། རང་གི་དམིགས་རྐྱེན་དུ་གྱུར་པའི་སྒྲ་ལ་བརྟེན་ནས་སྐྱེས་པའི་རྣ་བའི་ཤེས་པར་གྱུར་པའི་མངོན་སུམ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་རྣ་བའི་དབང་པོ་དང་། རང་གི་དམིགས་རྐྱེན་དུ་གྱུར་པའི་སྒྲ་ལ་བརྟེན་ནས་སྐྱེས་པ་སོགས་ཕྱི་མ་རྣམས་ལའང་རིགས་འདྲའོ། །ཞེས་གསུངས་སོ། །
Domain ཚད་མ།