From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་རིག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་དོན་ཏེ། བརྗོད་བྱ་གཙོ་བོ་ནི་མིང་དང་། ཚིག་དང་། ཡི་གེའི་རྣམ་གཞག་གོ །
|
སྒྲ་རིག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རིག་གནས་ཆེ་བ་ལྔའི་ཡ་གྱལ་ཏེ། སཾ་སྐྲྀ་ཏའི་བརྡ་སྤྲོད། བརྗོད་བྱ་ནི། རང་བཞིན། རྐྱེན། རྣམ་འགྱུར་གསུམ་ཡིན།
|
སྒྲ་རིག་པ་ (3)
| Part of speech
|
མིང་ཚིག
|
| Definition
|
སྐད་ཡིག་གི་འབྱུང་ཁུངས་དང་ངོ་བོ་འཕེལ་རྒྱས་སོགས་དཔྱོད་བྱེད་ཀྱི་རིག་པ།
|
| Example
|
རྒྱལ་སྤྱིའི་སྒྲ་རིག་པའི་མཁས་པ་ཆེན་མོ། བོད་ཀྱི་སྒྲ་རིག་པའི་མཁས་པ། ལེགས་སྦྱར་གྱི་སྒྲ་རིག་པ་ལྟ་བུ།
|