96494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། དེ་གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །
Domain ཆོས་ལུགས།
སྒྲ་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། ༡ ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། ཟིན་པ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་བཟུང་བ་སྟེ། གང་ལུས་སུ་གཏོགས་པ་སེམས་ཅན་རྣམས་ཀྱི་ལག་པ་དང་ངག་གི་སྒྲ་ནི་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །༢ མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། མ་ཟིན་པ་ནི་སེམས་དང་སེམས་ལས་བྱུང་བས་ཡོངས་སུ་མ་བཟུང་བ་སྟེ། གང་རླུང་དང་ནགས་ཚལ་དང་ཆུའི་སྒྲ་ནི་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །༣ གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ནི། གཉི་ག་ནི་གང་ཟིན་པའི་འབྱུང་བ་ཆེན་པོ་བཞི་ཡང་ཡོད་ལ་མ་ཟིན་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ཡང་ཡོད་པ་ལས་བྱུང་བ་སྟེ། དེ་ཡང་ལག་པ་དང༌། རྔ་ལ་སོགས་པ་ཕྲད་པ་ལས་བྱུང་བའི་སྒྲ་ནི་གཉི་གའི་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བའི་སྒྲ་ཞེས་བྱའོ། །