From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྒྲ་ལྡན་ (1)
| Part of speech
|
མིང་ཚིག
|
| Definition
|
ཡི་གེ་རྣམས་རང་རང་གི་སྐྱེ་གནས་ནས་བྱུང་བའི་སྒྲ་ཕྱིར་ཐོན་པའི་རྩོལ་བ་ཆེ་ཆུང་གི་དབང་གིས་དབྱེ་བས་བོད་ཡིག་གི་ག་ང་ཇ་ཉ་ད་ན་བ་མ་ཛ་ཝ་འ་ཡ་ར་ལ་ཧ་ཨ་ཨི་ཨུ་ཨེ་ཨོ་སྟེ་ཉི་ཤུ་དང༌། ལེགས་སྦྱར་སྐད་ཀྱི་ཧ་བ་བསྡུ་བའམ་ཧ་ཡ་ཝ་ར་ལ་ཉ་ཎ་ན་ང་མ་ཛྷ་ཌྷ་དྷ་གྷ་བྷ་ཛ་ཊ་ད་ག་བ་སྟེ་ཉི་ཤུ་བཅས་ལ་སྒྲ་ལྡན་ཟེར།
|
| Domain
|
སྒྲ་རིག་པ།
|
སྒྲ་ལྡན་ (2)
| Part of speech
|
མིང་ཚིག
|
| Definition
|
སྤྲིན་པའི་མིང་སྟེ། སྤྲིན་པ་འཁྲུགས་པའི་ཚེ་སྒྲ་དང་བཅས་པས་ནའོ། །
|
| Type
|
མངོན་བརྗོད།
|
སྒྲ་ལྡན་ (3)
| Part of speech
|
མིང་ཚིག
|
| Definition
|
ཤིང་རྟའི་མིང་སྟེ། ཤིང་རྟ་བསྐྱོད་པའི་ཚེ་སྒྲ་དང་ལྡན་པས་ནའོ། །
|