96511
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲུབ་ངག་ལྟར་སྣང་ལ་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྒྲ་སྐྱོན་ཅན་གྱི་སྒྲུབ་ངག་ལྟར་སྣང་ནི། དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས། དེའི་ཕྱིར། སྒྲ་མི་རྟག་ཅེས་པའི་ངག་ལྟ་བུའོ། །ཞེས་གསུངས། |
| Domain | ཚད་མ། |