96526
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩོམ་རིག སྒྲ་ལ་སྦྱར་བ་ཞེས་པའི་ཚིག་བསྡུས་པ་སྟེ། སྙན་ངག་མེ་ལོང་མ་ལེའུ་གཉིས་པའི་ནང་གསེས། དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་སྐབས་སུ་རྒྱན་ཁ་ཤས་ལ་དཔེ་དོན་སོགས་སྦྱོར་སྟངས་ཀྱི་ཆ་ནས་སྒྲ་གཅིག་གིས་དོན་མི་འདྲ་བ་གཉིས་སྟོན་པའམ། སྒྲ་གཅིག་དོན་མི་འདྲ་གཉིས་ལ་འཇུག་པ་ཞིག་ཡིན། |
| Example | བོད་མཁས་པས། དཀར་གསལ་དྲི་མ་སྤངས་པའི་བཞིན་རས་ཅན། །ཆགས་ལྡན་སྙིང་ལ་ཀུན་དགའ་གསར་བའི་རོ། ། སྦྱིན་བྱེད་ལང་ཚོའི་འཕེལ་བ་རྩོམ་པ་ཡི། །བདག་གི་གྲོགས་དེ་ཟླ་ཚེས་གསར་བ་བཞིན། ། ཞེས་ཚིག་རྐང་དང་པོའི་ནང་གི་དྲི་མ་ཞེས་པ་འདི་མཛེས་མའི་གདོང་ལ་ནག་པོའི་དྲི་མ་མེད་པ་དང་། ཟླ་ཚེས་ལ་རི་བོང་གི་མཚན་མ་མེད་པ་གཉིས་སྒྲ་ལ་སྦྱར་བ་ཡིན། |