96538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲའི་ཉམས་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ཡ་གྱལ་སྙན་པའི་རྒྱན་གྱི་ནང་གསེས་ཤིག་སྟེ། རྗོད་བྱེད་ཀྱི་ཚིག་གི་ཡན་ལག་ཏུ་གྱུར་པའི་ཡི་གེ་རྐང་པ་ཐོག་མར་གང་སྦྱར་བ་དེའི་སྐྱེས་གནས་དང་། དབྱངས་དང་། བརྩེགས་པ་ཅི་རིགས་སུ་གནས་པ་དེ་དང་མཚུངས་པའི་སྒྲ། ཚིག་ཕྱི་མ་རྣམས་སུའང་ཉེ་བར་ཐོས་པའམ། ཕན་ཚུན་ཉེ་བར་གནས་པ་སྟེ། ཚིག་མཚུངས་ཉེ་བའི་སྒྲའི་ཉམས་དང་། དེ་དང་འདྲ་བའི་ཡི་གེ་གཅིག་ཡང་ཡང་བསྐོར་བའི་རྗེས་ཁྲིད་དང་བཅས་པའི་སྒྲའི་ཉམས་ལ་ཟེར།
Example རྒྱལ་དབང་ལྔ་པའི་དབྱངས་ཅན་དགྱེས་གླུ་ལས། རྣམ་དཀར་རྣམ་དཔྱོད་རྣམ་མང་རྣམ་ཐར་རྣམས། །མ་ལུས་ཕུལ་བྱུང་བླ་མེད་སྤུངས་ཤིང་འཕྱུར། ། རབ་ཡངས་ངག་དབང་དབྱངས་ཅན་ལྷ་གང་ལ། །རྟག་ཏུ་བསྟོད་ཅིང་སྟོབས་ཆེན་རྟ་སོགས་སྟོབ། །ཅེས་པ་ལྟ་བུའོ།
Domain རྩོམ་རིག