96592
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཡོངས་སུ་བསྒོས་པའི་མངོན་པར་ཤེས་པ་ལྔ། ༢ བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སོ་སོ་ཡང་དག་པར་རིག་པ་བཞི། ༣ ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་བསྒོས་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི། ༤ སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཡོངས་སུ་བསྒོས་པའི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་བཞིའོ། ། |
| Domain | ཆོས་ལུགས། |