96595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲིབ་པ་རྣམ་པ་བཅུ་གཉིས་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ལས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། མཚམས་མེད་པ་ལྔའི་ལས་བྱེད་པ་ཉིད་ཀྱི་ཕྱིར་རོ། །༢ བག་ཆགས་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། སྔོན་ཉེས་པར་བྱས་པའི་ལས་ལ་གོམས་པའི་བག་ཆགས་ཉིད་ཀྱི་ཕྱིར་རོ། །༣ བག་མེད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། འདོད་པའི་ལོངས་སྤྱོད་དང་ལྡན་པ་འབྱོར་པ་ཆེན་པོ་ལ་གནས་པ་རྣམས་ཉིད་ཀྱི་ཕྱིར་རོ། །༤ ཆོད་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སྒྲིབ་པ་ལྔ་པོ་དག་ལས་གང་ཡང་རུང་བས་སེམས་བསྒྲིབས་པ་ཉིད་ཀྱི་ཕྱིར་རོ། །༥ ལེ་ལོའི་སྒྲིབ་པ་ནི་འདི་ལྟ་སྟེ། ལེ་ལོའི་ཉེ་བའི་ཉོན་མོངས་པས་སེམས་ཀུན་ནས་དཀྲིས་པ་ཉིད་ཀྱི་ཕྱིར་རོ། །༦ བར་ཆད་ཀྱི་སྒྲིབ་པ་ནི་འདི་ལྟ་སྟེ། བར་ཆད་རྣམ་པ་བཅུ་གཅིག་ལས་གང་ཡང་རུང་བ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །༧ སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། མི་ཁོམ་པར་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །༨ མི་སྐྱེ་བའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་འབྱུང་བ་ཉིད་ཀྱི་ཕྱིར་རོ། །༩ མོས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། སངས་རྒྱས་འབྱུང་བ་ཡོད་ཀྱང་ལོག་པར་ལྟ་བ་ཉིད་ཀྱི་ཕྱིར་རོ། །༡༠ ཉོན་མོངས་པའི་སྒྲིབ་པ་ནི་འདི་ལྟ་སྟེ། ཤེས་རབ་རྣམ་པར་གྲོལ་བ་རྣམས་ཀྱི་སེམས་གང་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །༡༡ སྙོམས་པར་འཇུག་པའི་སྒྲིབ་པ་ནི་འདི་ལྟ་སྟེ། གཉི་གའི་ཆ་ལས་རྣམ་པར་གྲོལ་བ་རྣམས་ཀྱི་སེམས་གང་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །༡༢ ཤེས་བྱའི་སྒྲིབ་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གང་ལས་རྣམ་པར་གྲོལ་བ་ཉིད་ཀྱི་ཕྱིར་རོ། །
Domain ཆོས་ལུགས།