96602
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ལས་གསུངས་པའི་སྒྲིབ་པ་ལྔ་སྟེ། རྒོད་འགྱོད་དང༌། གནོད་སེམས། རྨུགས་གཉིད། འདོད་ལ་འདུན་པ། ཐེ་ཚོམ་བཅས་ལྔའོ། །འདི་དག་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ལ་སྒྲིབ་པས་ན་སྒྲིབ་པ་ཡིན་ལ། ལྔ་པོ་འདི་དག་འདོད་པའི་ཁམས་ན་ཡོད་པ་ཁོ་ན་སྒྲིབ་པ་ཡིན་ཏེ། མདོ་ལས། འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ་ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་བདུན་པོ་སྒྲིབ་པ་ལྔ་རུ་བཤད་པ་མི་འགལ་ཏེ། རྨུགས་གཉིད་གཉིས་སྒྲིབ་པ་གཅིག་ཏུ་བཤད་ལ། རྒོད་འགྱོད་གཉིས་སྒྲིབ་པ་གཅིག་ཏུ་བཤད་དེ། དེ་གཉིས་ཀྱི་མི་མཐུན་ཕྱོགས་གཉེན་པོ་གཅིག་པའི་ཕྱིར་དང་། ཟས་ཏེ་སྐྱེད་བྱེད་རྒྱུ་གཅིག་པའི་ཕྱིར་དང་། བྱ་བའང་གཅིག་པའི་ཕྱིར་རོ། །དེ་ལ་གཉིས་ཀའི་མི་མཐུན་ཕྱོགས་སྣང་བའི་འདུ་ཤེས་ཏེ་གཉེན་པོ་དང་ཟས་མ་ཡིན་པ་ཞེས་ཀྱང་བརྗོད་དོ། །གང་ཉོན་མོངས་པ་ཐམས་ཅད་སྒྲིབ་པ་ཡིན་ན་འདི་ལྔར་གྲངས་ངེས་ཏེ། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་པར་བྱེད་པ་དང་། རྨུགས་པ་དང་གཉིད་གཉིས་ཀྱིས་ནི་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དོ། །རྒོད་པ་དང་འགྱོད་པས་ནི་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གནོད་པར་བྱེད་དོ། །ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་དག་ལ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་ལྔ་ཉིད་དུ་བཤད་དོ། ། |
| Domain | ཆོས་ལུགས། |