96607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲིབ་པའི་ངོ་བོ་ཉིད་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ ཡོངས་སུ་གདུང་བ་ནི། ངེས་པར་འབྱུང་བ་དང༌། རབ་ཏུ་དབེན་པ་ལ་བརྩོན་པའི་ཉོན་མོངས་པ་ཅན་གྱི་འདོད་པ་དང༌། མི་དགའ་བ་དང༌། སྤྲོ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་གང་ཡིན་པའོ། ། ༢ སྒྲིབ་པ་ནི། འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་ལྔ་པོ་དག་གོ ། ༣ རྣམ་པར་རྟོག་པ་ནི། འདོད་པའི་རྣམ་པར་རྟོག་པ་ལ་སོགས་པའི་ཉོན་མོངས་ཅན་གྱི་རྣམ་པར་རྟོག་པ་རྣམས་སོ། ། ༤ བདག་ཉིད་རབ་ཏུ་འཛིན་པ་ནི། ཡེ་ཤེས་དང༌། མཐོང་བ་དང༌། རེག་པར་གནས་པ་ཅུང་ཟད་ཙམ་དང༌། ངན་ངོན་ཙམ་གྱིས་བདག་ནི་ཐོབ་པ་ཡིན་གྱི་གཞན་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་རྒྱས་པར་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་ནི་སྒྲིབ་པའི་ངོ་བོ་ཉིད་ཡིན་ནོ། །
Domain ཆོས་ལུགས།