96611

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲིབ་པའི་སྐྱོན་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱུད་བྱུང་ཚོར་གྱི་དབང་གིས་གཡེང་བ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུ་དང། བྱིང་རྨུགས་དབང་གིས་འཐིབས་པ་འབེན་འཐིབས་པའི་མདའ་ལྟ་བུ་དང། འཛིན་ཆགས་ཀྱི་དབང་གིས་འགོག་པ་ཁྱིམ་བདག་འཇུར་བུ་ཅན་ཞིག་མར་འདོད་ནས་བ་ཉོས་པས་ཞོ་ལ་ཆགས་པ་ལྟ་བུ་དང། ཐེར་ཟུག་གི་དབང་གིས་ཀུན་ཏུ་རྟོག་པ་སྐྱེས་བུ་བྱ་རོག་གི་ཁུ་འཕྲིག་ཅན་ལྟ་བུ་དང། ཕྱལ་བའི་དབང་གིས་དོན་མཐོང་བ་མེད་པ་ཤེས་རྒྱ་ཆུང་བས་འཁོར་བར་ཆུད་པ་བྱ་མུན་ལ་ཐུག་པ་ལྟ་བུ་སྟེ། འདི་དག་ནི་བསམ་སྐྱོན་ཡིན་པར་དབུ་མའི་དོན་བསྒོམ་པའི་རྣལ་འབྱོར་པ་དག་འདོད་ཅིང་གསང་སྔགས་པས་ཀྱང་མི་འདོད་པ་མ་ཡིན་ཞེས་མདོ་འགྲེལ་མུན་པའི་གོ་ཆ་ལས་གསུངས་སོ། །
Domain ཆོས་ལུགས།