96615
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་(འཁྲུངས་འདས་ཕྱི་ལོའི་སྔོན་༡༦༠༡༧-༧༨༡༧)་གིས་མུ་ཁྱུད་བདལ་བའི་མཚོ་གླིང་། གསས་ཁང་དཀར་ནག་བཀྲ་གསལ་དུ་རྒྱལ་པོ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཞུས་ཏེ་བསྟན་པའི་མདོ་ཆོག་ཞིག་ཡིན། རྒྱལ་གཤེན་གྱི་བསྟན་པ་རྗེས་བཞག་(ཕྱི་ལོའི་སྔོན་ ༡༣༥༡༦ ལ་བསྟན་པ་རྗེས་བཞག་མཛད། )་གི་ཁོངས་སུ་བྱུང་པའོ། །བསྟན་དོན་ནི་ཕྱི་རོལ་གདུལ་བྱ་རྣམས་སྒྲིབ་སྦྱང་ཆེད་དུ་བསྟན་ཏེ། རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་མདོ་ལས། སྒྲིབ་བྱང་ཚོགས་རྫོགས་ཐར་ལམ་ཕྱེད། སྒྲིབ་སྦྱང་མུན་སེལ་དཀྱིལ་འཁོར། ཞེས་སོ། །སྒྲིབ་སྦྱངས་ཀྱི་ཆོ་གའི་རིགས་ཀྱི་སྒོ་རུ་འཇུག་ན་ཐོག་མ་རྟེན་གང་ཟག་ནི་སོ་ཐར་རིགས་བཞི་གང་རུང་གིས་གཞི་གཟུང་ཞིང་། ཁྲུས་དང་གཙང་སྦྲ་སོགས་བླང་དོར་གྱི་མིག་དང་ལྡན་པ་ཞིག་དགོས་ཏེ། རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་མདོ་ལས། སྒྲིབ་སྦྱངས་ཚོགས་རྫོགས་བོན་དུ་གསུངས། །འདུལ་ཁྲིམས་རྣམ་དག་སྒོ་རུ་ཞུགས། །གཙང་དག་ཁྲུས་དང་གཙང་སྦྲ་བྱ། །ངན་སྤང་བཟང་བླང་རྒྱུ་འབྲས་རྩི། །སྡིག་བཅུ་སྤང་ཤིང་དགེ་བཅུ་བླང་། །ཞེས་སོ། །ཡང་གཞུང་འདིའི་ཕྱི་ནང་གསང་གསུམ་གྱི་སྤྱོད་པ་ནི་འདི་ལྟར་ཏེ། རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུགས་ཀྱི་མདོ་ལས། ཕྱི་རྒྱུད་བསྙེན་གནས་ཡན་ལག་སྲུང་། །བཟླས་བརྗོད་བསྙེན་པ་རྒྱུན་དུ་དྲོངས། །ནང་རྒྱུད་གསང་སྔགས་དམ་ཚིག་སྲུང་། །ཏིང་འཛིན་བསྐྱེད་རྫོགས་མི་དམིགས་བསྒོམ། །གསང་རྒྱུད་དཔོན་གསས་སྤྱི་ཁོག་དབུབ། །འགྲོ་བ་ཀུན་སྙོམས་སྙིང་རྗེ་བསྐྱེད། །ཚད་མེད་བཞིའི་རྒྱུན་ལ་འཇུག ཅེས་སོ། ། |
| Domain | ཆོས་ལུགས། |