96622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲིལ་ (1)
Part of speech བྱ་ཚིག
Definition སྟེང་འོག་བརྗེ་བསྒྱུར་བྱས་ནས་འགྲོར་བཅུག་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བསྒྲིལ།, འགག་དོག་པོ་ནས་རྦབ་རྡོ་བསྒྲིལ་ན་སུས་ཀྱང་ཡ་ལན་དཀའ།]
Present [སྒྲིལ།, བྱིས་པ་གྲུ་གུ་སྒྲིལ་བཞིན་རྩེ།]
Past [བསྒྲིལ།, རྦབ་བསྒྲིལ་ནས་མི་མང་པོ་བསད།]
Imperative [སྒྲིལ།, འཁོར་ལོ་སྒྲིལ་ཅིག་ལྟ་བུ།]
སྒྲིལ་ (2)
Part of speech བྱ་ཚིག
Definition ཐ་གུ་གཉིས་ནས་མང་པོ་མཉམ་གཅིག་སྒྲིམ་པའི་དོན།
Future [བསྒྲིལ།, ཐག་པ་དཀར་ནག་བསྒྲིལ་རྒྱུ།]
Present [སྒྲིལ།, སྐུད་པ་སྒྲིལ་བྱེད་ཀྱི་འཕང་ལོ།]
Past [བསྒྲིལ།, རྩིད་སྐུད་དཀར་ནག་བསྒྲིལ་ནས་འུར་ཆ་བཟོས།]
Imperative [སྒྲིལ།, གསོ་ཐག་སྒྲིལ་ཅིག་ལྟ་བུ།]
སྒྲིལ་ (3)
Part of speech བྱ་ཚིག
Definition ཕྱོགས་གཅིག་ཏུ་སྤུངས་པ་དང་མཉམ་འབྲེལ་བྱས་པའི་དོན།
Future [བསྒྲིལ།, ང་ཚོ་མཉམ་དུ་བསྒྲིལ་ཏེ་སྤྱི་དོན་བྱེད།]
Present [སྒྲིལ།, མི་མང་མཉམ་དུ་སྒྲིལ་བྱེད་ཀྱི་སྲིད་བྱུས།]
Past [བསྒྲིལ།, ཁོང་ཚོ་མཉམ་དུ་བསྒྲིལ་ནས་རྒྱལ་ཁ་བླངས་པ་རེད།]
Imperative [སྒྲིལ།, ཡོད་ཚད་ཕྱོགས་གཅིག་ཏུ་སྒྲིལ་ཅིག་ལྟ་བུ།]
སྒྲིལ་ (4)
Part of speech བྱ་ཚིག
Definition བཅའ་དངོས་ཁག་བཏུམས་པར་བྱས་པའི་དོན།
Future [བསྒྲིལ།, ཕྱུར་བ་ལྟེབ་ཁུག་ལ་བསྒྲིལ་དགོས།]
Present [སྒྲིལ།, ཡོ་བྱད་རྣམས་སྒྲིལ་བཞིན་པ།]
Past [བསྒྲིལ།, ཚོང་རྫས་རྣམས་སྣོད་དུ་བསྒྲིལ་ཟིན།]
Imperative [སྒྲིལ།, ཏ་ལེན་ནང་དུ་གྲོ་ཁ་སྒྲིལ་ཅིག་ལྟ་བུ།]
སྒྲིལ་ (5)
Part of speech བྱ་ཚིག
Definition རིལ་བུ་བྱས་པའི་དོན།
Future [བསྒྲིལ།, གནམ་གཤིས་ཡག་དུས་སྨན་བསྒྲིལ།]
Present [སྒྲིལ།, བོད་སྨན་སྒྲིལ་མཁན།]
Past [བསྒྲིལ།, རིལ་བུ་བསྒྲིལ་ཟིན།]
Imperative [སྒྲིལ།, སྨན་སྒྲིལ་ཅིག་ལྟ་བུ།]
སྒྲིལ་ (6)
Part of speech བྱ་ཚིག
Definition རྩིས་རྒྱག་སྐབས་རང་འཁོར་ལོངས་ན་གནས་གོང་མར་བཅུག་པའི་དོན།
Domain རྩིས་རིག
Future [བསྒྲིལ།, བཅུ་ལོན་ན་བཅུ་གནས་སུ་བསྒྲིལ།]
Present [སྒྲིལ།, གྲངས་གནས་མང་པོ་གཅིག་ཏུ་སྒྲིལ་བཞིན་པ།]
Past [བསྒྲིལ།, མང་ཉུང་གཅིག་ཏུ་བསྒྲིལ་ཟིན།]
Imperative [སྒྲིལ།, རང་འཁོར་ལོངས་ན་གནས་གོང་མར་སྒྲིལ་ཅིག་ལྟ་བུ།]