96629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུག་ (1)
Part of speech བྱ་ཚིག
Definition བུད་ཤིང་སོགས་འཐུ་བའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བསྒྲུག, དགུན་གྱི་བུད་ཤིང་བསྒྲུག]
Present [སྒྲུག, རྡེའུ་ཤིང་སྒྲུག་མཁན་གྱི་བྱིས་པ།]
Past [བསྒྲུགས།, ལྕི་བ་བསྒྲུགས་ནས་སྤུངས།]
Imperative [སྒྲུགས།, རྡེའུ་སྒྲུགས་ཤིག་ལྟ་བུ།]
སྒྲུག་ (2)
Part of speech བྱ་ཚིག
Definition ཉར་ཚགས་བྱས་པའི་དོན་ཏེ།
Type ཡུལ་སྐད།
Future [བསྒྲུག, རྒྱུ་ནོར་རྩ་ཆེན་རྣམས་བསྒྲུག]
Present [སྒྲུག, སྒོར་མོ་སྒྲུག་མཁན་གྱི་ཕྱུག་པོ།]
Past [བསྒྲུགས།, ལོངས་སྤྱོད་བསྒྲུགས་ནས་སྐྱིད་པོ་བཏང་།]
Imperative [སྒྲུགས།, ནང་ནོར་ཕྱི་ལ་མ་བཙོང་ཕུགས་ལ་སྒྲུགས་ལྟ་བུ།]
སྒྲུག་ (3)
Part of speech བྱ་ཚིག
Definition དངོས་རྫས་མཁྲེགས་པོའི་རིགས་བཅགས་ནས་ཆུང་ངུར་བཟོས་པའི་དོན་ཏེ།
Future [བསྒྲུག, རྫ་བུམ་བསྒྲུག་ན་འབྱོར་དཀའ།]
Present [སྒྲུག, རྫ་བུམ་སྒྲུག་བྱེད་ཀྱི་ཐོ་བ།]
Past [བསྒྲུགས།, སྣོད་རྙིང་བསྒྲུགས་ནས་ས་ལ་གཏོར།]
Imperative [སྒྲུགས།, གྱོ་མོ་སྒྲུགས་ཤིག་ལྟ་བུ།]