96643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ (1)
Part of speech བྱ་ཚིག
Definition དགོས་མཁོ་དང་འདོད་མོས་ཡོད་པའི་ལས་ཀ་ཞིག་བྱེད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བསྒྲུབ།, སྤྱི་དོན་བསྒྲུབ་ཕྱིར་དཀའ་བ་སྤྱད།]
Present [སྒྲུབ།, དམངས་དོན་སྒྲུབ་བཞིན་རང་དོན་འགྲུབ།]
Past [བསྒྲུབས།, ལས་དོན་རླབས་ཆེན་བསྒྲུབས་ནས་གློ་བ་དགའ།]
Imperative [སྒྲུབས།, རང་དོན་ལས་སྤྱི་དོན་སྒྲུབས་ཤིག་ལྟ་བུ།]
སྒྲུབ་ (2)
Part of speech བྱ་ཚིག
Definition རྒྱུ་མཚན་བཀོད་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་པའི་དོན།
Future [བསྒྲུབ།, ཆོས་རྣམས་མི་རྟག་པ་ཡིན་པར་བསྒྲུབ་དགོས།]
Present [སྒྲུབ།, བདེན་དོན་སྒྲུབ་བྱེད་ཀྱི་ལུང་རིགས།]
Past [བསྒྲུབས།, བདེན་དོན་བསྒྲུབས་ནས་ཡིད་ཆེས་སྐྱེས།]
Imperative [སྒྲུབས།, ལུང་དང་མི་འགལ་བར་རིགས་པས་སྒྲུབས་ཤིག་ལྟ་བུ།]
སྒྲུབ་ (3)
Part of speech བྱ་ཚིག
Definition ཁ་བཤད་ཙམ་མ་ཡིན་པར་ཉམས་སུ་ལེན་པའམ་ལག་ལེན་དུ་བསྟར་བའི་དོན།
Keyword True
Future [བསྒྲུབ།, ཆོས་ཁ་བཤད་ཀྱིས་མི་ཕན་བསྒྲུབ་དགོས།]
Present [སྒྲུབ།, ཆོས་སྒྲུབ་མཁན།]
Past [བསྒྲུབས།, ཆོས་ཚུལ་བཞིན་བསྒྲུབས་ནས་གྲུབ་པ་ཐོབ།]
Imperative [སྒྲུབས།, ནམ་འཆི་ཆ་མེད་ཡིན་པས་ཆོས་སྒྲུབས་ཤིག་ལྟ་བུ།]
སྒྲུབ་ (4)
Part of speech བྱ་ཚིག
Definition མཁོ་བའི་དངོས་པོ་བསྒྲིགས་པའི་དོན་ཏེ།
Future [བསྒྲུབ།, ས་ཐག་རིང་ལ་འགྲོ་ན་མཁོ་ཆས་བསྒྲུབ་དགོས།]
Present [སྒྲུབ།, ལམ་གྲོ་སྒྲུབ་བྱེད་ཀྱི་སྒོར་མོ་བསགས།]
Past [བསྒྲུབས།, མཁོ་ཆས་བསྒྲུབས་ཚར་སོང་བས་འགྲོ་ཆོག་ཆོག་ཡིན།]
Imperative [སྒྲུབས།, ལམ་རྒྱགས་སྒྲུབས་ཤིག་ལྟ་བུ།]