96654
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྒྲུབ་ངག་གི་བྱེད་ལས་ནི། སྒྲུབ་ངག་ཡང་དག་དེ་ལ་བརྟེན་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་གཅོད་པར་བྱེད་པའི་སྒོ་ནས་དེ་སྒྲུབ་ཀྱི་ཚུལ་གསུམ་དྲན་པའི་དངོས་ཀྱི་འབྲས་བུ་ལ་བསྒྲུབ་བྱ་དེ་ངེས་པར་བྱེད་པ་དེ་དེ་ཡིན་ཏེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཆོས་མི་མཐུན་པའི་སྒྲུབ་ངག་ཡང་དག་ལ་ནི། སྒྲ་ནི་བྱས་ཞེས་པའི་རང་རྒྱུད་ཀྱི་རྟགས་ཚད་མའི་ཡུལ་དུ་སོང་ཞིང། ཁྱབ་པ་ངེས་པའི་དངོས་ཀྱི་འབྲས་བུ་ལ་བསྒྲུབ་བྱ་ངེས་པར་བྱེད་པ་ཡིན་ནོ། །ཞེས་པ་ནས། སྒྲུབ་ངག་ཡང་དག་ལ་བརྟེན་ནས་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་གཅོད་པར་བྱེད་དོ། །ཞེས་དང། དེ་འདྲའི་སྒྲུབ་ངག་ཡང་དག་ཉན་ཤེས་ཀྱིས་ཐོས་པ་ལ་བརྟེན་ནས་དེ་འདྲའི་སྒྲུབ་ངག་ཡང་དག་གི་འབྲས་བུར་གྱུར་བའི་བྱས་པའི་རྟགས་ཀྱིས་སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་ཚུལ་གསུམ་དྲན་པའི་དྲན་ཤེས་དེ་སྐྱེ། དེའི་དངོས་ཀྱི་འབྲས་བུ་ལ་སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་རྗེས་དཔག་སྐྱེ་བའི་ཕྱིར། དེས་ན་སྒྲ་ནི་བྱས་ཞེས་པའི་རང་རྒྱུད་ཀྱི་རྟགས་ཚད་མའི་ཡུལ་དུ་སོང་སྟེ་ཞེས་པའི་དོན། སྒྲུབ་ངག་ཡང་དག་དེ་ཉན་ཤེས་ཀྱི་ཐོས་པ་དང། ཁྱབ་པ་ངེས་པའི་དངོས་ཀྱི་འབྲས་བུ་ཞེས་པ་ཚུལ་གསུམ་དྲན་པའི་དངོས་ཀྱི་འབྲས་བུ་ཞེས་པའི་དོན་ཡིན་ནོ། །སྔོན་མེད་པའི་ལེགས་པར་བཤད་པའོ། །ཞེས་གསུངས། |
| Domain | ཚད་མ། |