96672
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་ཐབས་ཀྱི་སྦྱོར་སོའམ་སྦྱོར་ལུགས་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་དང་པོ་ལའང་། ཕྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ། ཆོས་སྡེ་ཉི་ཤུ་ཡོད་པ་ལས། བཞི་པ་སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་ནི། བཀའ་བརྒྱད་རྣམ་བཤད་ལས། སྒྲུབས་ཐབས་ཀྱི་སྦྱོར་ལུགས་ལྔ་ནི། རྩ་བ་སྒྲུབ་ཐབས་དང་སྦྱོར་བ། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར་བ། ཕྲིན་ལས་སྒོམ་ཁོག་དང་སྦྱོར་བ། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར་བ། ཏིང་ངེ་འཛིན་གདམས་པ་དང་སྦྱོར་བ་ལྔའོ། །ཞེས་གསུངས། |
| Domain | ཆོས་ལུགས། |