96677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ཐབས་ལམ་གྱི་ཆེ་བ་བཞི་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སྒྲུབ་ཐབས་ལམ་གྱི་ཆེ་བ་བཞི་ནི། གསང་ཆེན་ཨ་ཏི་ཡོ་གའི་ལམ་གྱི་ཆེ་བ་བཞི་སྟེ། ཕྱོགས་བཅུའི་མུན་སེལ་ལས། ལམ་ཀུན་གྱི་འབྲས་བུ་ཡིན་པའི་ཆེ་བ། རྒྱལ་བ་ཀུན་གྱི་གཤེགས་ཤུལ་ཡིན་པའི་ཆེ་བ། རྣལ་འབྱོར་ཀུན་གྱི་ལམ་ཡིན་པའི་ཆེ་བ། རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་བཅས་བཞིར་གསུངས་སོ། །
Domain ཆོས་ལུགས།