96680
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞན་སྡེས། སྒྲུབ་པའམ་དོན་རང་མཚན་ཁོ་ན་སྒྲ་རྟོག་གི་ཡུལ་ཡིན་པར་འདོད་པ་གཏན་ཚིགས་རིག་པས་དགག་པ། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བ་ལང་མིན་པ་རྣམ་པར་བཅད་པ་ལ་མ་ལྟོས་པར་ནོག་སོགས་འདུས་པའི་གོང་བུ་ལ་བ་ལང་ཞེས་པའི་བརྡ་སྦྱོར་ནུས་པ་མ་ཡིན་པར་ཐལ། བརྡ་དུས་ཀྱི་བ་ལང་ཐ་སྙད་ཀྱི་དུས་སུ་མེད་པའི་ཕྱིར། ཁྱབ་སྟེ། བརྗོད་བྱེད་ཀྱི་སྒྲ་རྣམས་ཀྱིས་རང་གང་ལ་བརྡར་བཏགས་པའི་དོན་སྟོན་ལ། བརྡ་དེ་ནི་ཐ་སྙད་ཀྱི་དུས་སུ་དོན་གོ་བའི་ཆེད་དུ་བྱས་པའི་ཕྱིར། |
| Domain | ཚད་མ། |