96689
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་པ་བཀའ་བརྒྱད་ནི། མ་ཧཱ་ཡོ་གའི་ཆོས་སྐོར་ལ་རྒྱ་ཆེ་བ་རྒྱུད་སྡེ་དང་ཟབ་མོ་སྒྲུབ་སྡེ་གཉིས་སུ་བཞུགས་པ་ལས། གཉིས་པ་སྟེ། འཇམ་དཔལ་སྐུ་ཡི་སྒྲུབ་པ་དང། པདྨ་གསུང་གི་སྒྲུབ་པ་དང། ཡང་དག་ཐུགས་ཀྱི་སྒྲུབ་པ་དང། བདུད་རྩི་ཡོན་ཏན་གྱི་སྒྲུབ་དང། ཕུར་པ་ཕྲིན་ལས་ཀྱི་སྒྲུབ་པ། མ་མོ་རྦོད་གཏོང་གི་སྒྲུབ་པ་སྟེ། འཇིག་རྟེན་ལས་འདས་པའི་སྒྲུབ་སྡེ་དྲུག་གམ་གསང་བ་སྡེ་དྲུག་དང་། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པ་དང་། དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་སྟེ། འཇིག་རྟེན་པའི་སྒྲུབ་པ་སྡེ་གཉིས་བཅས་བརྒྱད་དོ། །༼མཆན། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང། མ་མོ་རྦོད་གཏོང་འཇིག་རྟེན་པའི་གྲས་སུ་བཞག་པ་ནི་ནོར་བ་འབའ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་དུ། མ་མོ་རྦོད་གཏོང་འཇིག་རྟེན་ལས་འདས་པའི་སྒྲུབ་པར་བརྩིས་ཤིང་། མ་མོ་ཐམས་ཅད་ཀུན་ཏུ་བཟང་མོའི་སྲོག་ཏུ་འདུས་པར་གསུངས་པ་དང་། མ་རྨོད་རྦོད་གཏོང་ཡན་ཆད་ལ་གསང་བ་སྡེ་དྲུག་བཅས་ལོགས་སུ་བརྩིས་པས་སོ། །༽ |
| Domain | ཆོས་ལུགས། |