96698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་པ་ལྕགས་ (1)
Part of speech མིང་ཚིག
Definition དུར་ལྔའི་ནང་གསེས་ཤིག་སྟེ། གཤིན་པོ་དག་གི་ཕུང་བོ་སྒམ་སོགས་ཀྱི་ནང་དུ་གཏེར་སྒྲུབ་བྱས་ནས་དུར་འདེབས་བྱེད་པ་ལ་ཟེར་བ་ཡིན། གཤིན་པོའི་ཕུང་བོ་ལ་དུར་དེ་བྱ་རུང་མིན་གཉིས་ཡོད་པ་ལས་མི་རུང་བའི་རིགས་ལ་ཡང་སྐྱེས་དུས་ཀྱི་ཆ་ནས་མི་རུང་བ་དང་། འཆི་དུས་ཀྱི་ཆ་ནས་མི་རུང་བ། གཉིས་ཀའི་ཆ་ནས་མི་རུང་བ། ཤི་རྐྱེན་གྱི་ཆ་ནས་མི་རུང་བ། རོ་རིགས་ཀྱི་ཆ་ནས་མི་རུང་བ་བཅས་ཁག་ལྔ་ཙམ་ཡོད་ལ། རུང་བའི་རིགས་ལའང་སྐྱེས་དུས་ཀྱི་ཆ་ནས་རུང་བ་དང་། འཆི་དུས་ཀྱི་ཆ་ནས་རུང་བ། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་བཅས་ཁག་གསུམ་ཙམ་ཡོད། དེ་དག་ལས་མི་རུང་བའི་རིགས་ཀྱི་ནང་གསེས་སྐྱེས་དུས་ཀྱི་ནས་མི་རུང་བ་ནི་རང་ལོ་སྟག་ཡོས་སམ་རུས་ཆེན་ཀེག་ཡིན་པའི་གཤིན་ཕུང་། འཆི་དུས་ཀྱི་ཆ་ནས་མི་རུང་བ་ནི་བབས་སྤར་ཟིན་དང་། བབས་སྨེ་བཞི་ལྗང་། རེས་གཟའ་ཕུར་བུ། སྐར་མ་ཤར་སྐར་དྲུག་གནམ་ལོ་སྟག་ཡོས། ཟླ་བ་དཔྱིད་ཟླ་ར་འབྲིང་། ཞག་པོ་སྟག་ཡོས་ཉི་མ་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། གཉིས་ཀའི་ཆ་ནས་མི་རུང་བ་ནི་སྐྱེས་འཆིའི་སྐབས་ཀྱི་ལོ་ཟླ་ཞག་དུས་བཞི་ལས་གང་རུང་གི་དབང་ཁམས་ཤིང་ཡིན་པའི་གཤིན་ཕུང་། ཤི་རྐྱེན་གྱི་ཆ་ནས་མི་རུང་བ་ནི་མཆིན་ལོང་གི་ནད་དང་། མཛེ། གག་པ། ལྷོག གྲུམ་བུ། གཅོང་ནད། རྦད་གཏོང་སོགས་ལས་གང་རུང་གིས་ཤི་བའི་གཤིན་ཕུང་། རོ་རིགས་ཀྱི་ཆ་ནས་མི་རུང་བ་ནི་དམེ་རོ་དང་། བན་བོན་རོ། སྔགས་པ་ནག་པོའི་རོ་སོགས་ཡིན། འདིར་བཤད་པ་ཅི་རིགས་འདོམ་ན་དེ་བས་ཀྱང་བསྒྲུབ་མི་རུང་བས་ཞིབ་མོར་བརྟག་པ་གཅེས། དེ་བཞིན་དུ་རུང་བའི་ནང་གསེས་སྐྱེས་དུས་ཀྱི་ཆ་ནས་རུང་བ་ནི་རང་ལོ་བྱི་ཕག་གམ་བྱ་སྤྲེལ་ཡིན་པའི་གཤིན་ཕུང་། འཆི་དུས་ཀྱི་ཆ་ནས་རུང་བ་ནི་གནམ་ལོ་བྱི་ཕག་གམ་བྱ་སྤྲེལ་དང་། བབས་སྤར་དྭའམ་ཁམ། བབས་སྨེ་གཅིག་དཀར་སོགས་དཀར་གསུམ་མམ་ནག་མཐིང་བཅས་ལས་གང་རུང་ཞིག་གི་སྟེང་དུ་ཤི་བའི་གཤིན་ཕུང་། ཤུལ་ལུས་གསོན་ལོའི་ཆ་ནས་རུང་བ་ནི་ནང་མི་རང་ལོ་རྟ་སྦྲུལ་ཅན་མང་བའི་གཤིན་ཕུང་བཅས་ཡིན།
Domain རྩིས་རིག