96700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་པ་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་ཡེ་ཤེས་ཆོས་སྐུ་ཐོབ་བྱེད་ཀྱི་ལག་རྗེས་འཇོག་བྱེད་ཅིག་ལ་སྒྲུབ་པ་སྒོམ་ལམ་ཞེས་འཇོག ངོ་བོ་ནི། དེས་ན་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གཅིག་ཉིད་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས་ཀར་འཇོག་སྟེ། རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་སྒྲུབ་པ་སྒོམ་ལམ་དང། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་རྣམ་དག་སྒོམ་ལམ་དུ་འཇོག་པའི་ཕྱིར། ཞེས་གསུངས། དེ་ལ་དབྱེ་ན། ངོ་བོ་ཉིད་ཀྱི་སྒོམ་ལམ། འབྲས་བུ་མཆོག་ཉིད་དུ་བྱེད་པའི་སྒོམ་ལམ། བྱེད་ལས་ཀུན་ལ་མངོན་པར་འདུ་མི་བྱེད་པའི་སྒོམ་ལམ། གནས་སྐབས་དམིགས་པ་བདེན་མེད་ལ་གཏོད་པའི་སྒོམ་ལམ། མཐར་འབྲས་བུ་སངས་རྒྱས་ཉིད་དུ་བྱེད་པའི་སྒོམ་ལམ་སྟེ་ལྔ་ཡོད་དེ། རྒྱན་ལས། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་པར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་སོ། །
Domain ཆོས་ལུགས།