96706
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། སྒྲུབ་པའི་ཆེད་དུ་བྱ་བའི་ངོ་བོ། གང་གི་དབང་དུ་བྱས་ནས་སྒྲུབ་པ་བྱེད་པར་འགྱུར་པའི་མཆོག་ཉིད་དུ་བྱེད་ཆོས་སོ། །དབྱེ་བ་ནི་སེམས་ཆེན་པོ་སོགས་གསུམ་མོ། །ཞེས་དང། ཆེད་དུ་བྱ་བ་གསུམ་དུ་ངེས་ཏེ། སྒྲུབ་པའི་ཆེད་དུ་བྱ་བ་རང་གཞན་གྱི་དོན་ཡིན་ལ། གསུམ་པོས་འབྲས་བུ་རང་གཞན་གྱི་དོན་མཐའ་དག་བསྡུས་པའི་ཕྱིར་ཏེ། སེམས་ཆེན་པོས་གཞན་དོན་དང་། སྤངས་པ་དང་རྟོགས་པས་རང་དོན་ཏེ་སྤངས་རྟོགས་མཐའ་དག་བསྡུས་པའི་ཕྱིར་རོ། །གོ་རིམ་ནི་གཞན་དོན་སེམས་ཆེན་པོ་ནི་གཙོ་བོ་ཡིན་ལ། དེའང་མི་མཐུན་ཕྱོགས་སྤངས་པ་ལ་རག་ལས་ཤིང་། དེ་ཡང་རྟོགས་པ་མེད་པར་མི་འབྱུང་བས་གསུམ་པོ་རིམ་པ་བཞིན་བསྟན་ཏོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། སྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིན་ནི། གང་གི་དབང་དུ་བྱས་ནས་ཐེག་ཆེན་གྱི་སྒྲུབ་པ་བྱེད་པར་འགྱུར་བའི་མཐར་ཐུག་གི་སྤངས་རྟོགས་གང་རུང་གིས་བསྡུས་པའོ། །དབྱེ་ན། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་དང་གསུམ་མོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། ། པཎ་ཆེན་ཤཱཀྱ་མཆོག་གིས། ཐེག་ཆེན་བསྒྲུབ་པའི་ཐོབ་བྱ་མཐར་ཐུག་དེ། འདིར་བསྟན་ཆེད་དུ་བྱ་བའི་མཚན་ཉིད་དོ། །དབྱེ་ན་སེམས་ཅན་ཀུན་གྱི་མཆོག་ཉིད་དང། སྤངས་པ་མཐར་ཐུག་དང། རྟོགས་པ་མཐར་ཕྱིན་པའོ། །རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་བྱེད་ཆོས་དེ། འདིར་བསྟན་ཆེན་པོའི་མཚན་ཉིད་དོ། །དབྱེ་ན་གསུམ་མོ། ས་མཚམས་ནི། བྱང་སེམས་ཆེན་པོ་གང་ན་ཡོད་པ་དེ་ནས་སོ། །ཞེས་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |