96725

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་པའི་དུས་ཀྱི་ལེའུ་ (1)
Part of speech མིང་ཚིག
Definition བསྟན་པའི་གནས་ཚད་ཀྱི་ལེའུ་བཞི་ལས་རིམ་པ་གཉིས་པ་སྟེ། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་༦༡༩ནས་༢༡༡༩ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་༩༥༦ནས་༢༤༥༦ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ཆིག་སྟོང་ལྔ་བརྒྱ་ཡོད། གཞུང་ཉིན་བྱེད་སྣང་བ་ལས། དེ་ནས་ལྔ་བརྒྱ་ཕྲག་གསུམ་ལ། །རིམ་པར་ཤེས་རབ་ཏིང་འཛིན་དང་། །ཚུལ་ཁྲིམས་བསླབ་པ་གཙོ་སྟོན་གསུམ། །སྒྲུབ་པའི་དུས་ཀྱི་ལེའུ་ཟེར། །ཞེས་བྱུང་།
Domain རྩིས་རིག