96727
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་པའི་བསྙེན་སྒྲུབ་བཞི་ནི། སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་སྒྲུབ་པ་ལ། བར་ཆད་མེད་པའི་ཚོགས་སྒྲུབ་ཀྱི་སྐབས་ནས་བསྟན་པའི་བསྙེན་སྒྲུབ་བཞིའི་ཡ་གྱལ་ལས་གཉིས་པ་སྟེ། ཡིད་ཀྱི་མུན་སེལ་ལས། གཉིས་པ་བསྒྲུབ་པའི་བསྙེན་སྒྲུབ་བཞི་ནི། སྒྲུབ་པའི་ཤོམས་འབྲེལ་ཀ་དང་བཅས་པ་བསྙེན་པ། ཟླ་བ་གཅིག་སྒྲུབ་པའི་དབང་དུ་བྱས་ན་ཟླ་ཕྱེད་ཉེ་བའི་བསྙེན་པ། བཅོ་ལྔ་མན་ཆད་ཀྱི་ཞག་བཅུ་བཞི་སྒྲུབ་པ། ནུབ་ཐ་མ་དངོས་གྲུབ་ལེན་ཁ་མ་ནི་སྒྲུབ་པ་ཆེན་པོའོ། །ཡང་། (ལམ་རིམ་ལས་)དེ་ལ་ཟླ་ཞག་ཕྱེད་ཉེར་བསྙེན། །ལྷ་གསལ་འཕྲོ་འདུ་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞེས་སོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |