96733
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། བརྩོན་འགྲུས་གསུམ་པོ་ནི་སྒྲུབ་པའི་མི་མཐུན་ཕྱོགས་སེལ་བར་བྱེད་པ་ཡིན་ཏེ། མ་ཞེན་པའི་བརྩོན་འགྲུས་ཀྱིས་བྱ་བ་ངན་ཞེན་གྱི་ལེ་ལོ་སྤངས་ནས་སྒྲུབ་པ་ཁྱད་པར་དུ་འགྲོ་བར་བྱེད། ཡོངས་སུ་མི་དལ་བའི་བརྩོན་འགྲུས་ཀྱིས་སྒྱིད་ལུག་པའི་ལེ་ལོ་སྤངས་ནས་སྒྲུབ་པ་སླར་མི་ལྡོག་པར་བྱེད། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱིས་སེམས་ཞུམ་པའི་ལེ་ལོ་སྤངས་ནས་ཐེག་དམན་དུ་མི་ལྟུང་བར་བྱེད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། |
| Domain | ཆོས་ལུགས། |