96746
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཉེས་བྱས་སྡེ་ཚན་བརྒྱད་པ་དང་དགུ་པ་ནི། དགེ་སློང་གིས་ཕྱིའི་སྤྱོད་ལམ་ལེགས་པར་མ་བྱས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེ་ལ་དབྱེ་ན། ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པ་ལྟར། པཎ་ཆེན་འདུལ་བ་ལས། འགྲེང་སྟེ་བཤང་གཅི་བྱས་པ་དང་། ཆུའི་ནང་དུ་མཆིལ་མ་ལ་སོགས་པ་དོར་བ་དང་། རྩ་སྔོན་ཡོད་པའི་ས་ཕྱོགས་སུ་མཆིལ་མ་སོགས་དོར་བ་ལ་ཉེས་བྱས་ཏེ་གསུམ་དང་། རང་དགར་ཤིང་ལ་མི་གང་ཙམ་ལས་མཐོ་བར་འཛེགས་པ་ལ་ཉེས་བྱས་ཏེ་བཞི་རྣམས་ཡོད་པའི་ཕྱིར། ཉེས་བྱས་དེ་རྣམས་སྟོན་པའི་དབང་དུ་མཛད་ནས་མདོར། ཤམ་ཐབས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་དུ་བགོ་བར་བྱའོ་ཞེས་སོགས་གསུངས། དགེ་སློང་མའི་ལྟུང་བའི་སྡེ་ཚན་ནི་ཡི་གེ་མང་བས་འཇིགས་ནས་མ་བཀོད་དེ་གཞུང་དོན་ལས་ཤེས་པར་བྱའོ། ། |
| Domain | ཆོས་ལུགས། |