96768

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ (1)
Part of speech མིང་ཚིག
Definition ཐལ་འགྱུར་ཡང་དག་གང་ཞིག་དངོས་སུ་ཐལ་བ་འཕངས་པ་བཟློག་ན་རང་རྒྱུད་མི་འཕེན་པ་སྟེ། རྟགས་ལོག་ལ་ཐལ་དང༌། ཆོས་ལོག་ལ་ཕྱིར་ཞེས་སྦྱར་བ་ན་ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འཕེན་པའོ། །
Example རྟགས་ཕ་རོལ་པོའི་ཁས་བླངས་པའི་དབང་དུ་བྱས་ནས། བུམ་པ་ཡོད་པའི་ས་ཕྱོགས་སུ་ཆོས་ཅན། བུམ་པ་མེད་པར་ཐལ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཡང་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་དོན་བཟློག་ན་ཚུལ་གསུམ་མ་ཚང་བའོ། །
Domain ཚད་མ།