96770
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་ཉིད་ནི། ཡང་དག་ཐལ་བ་བཟློག་མི་འཕེན། །སུན་འབྱིན་པའི་ཐལ་འགྱུར་བཟློག་པ་མི་འཕེན་པའོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། མཚན་ཉིད་ནི། ཡང་དག་པའི་ཐལ་བ་གང་ཞིག བཟློག་དོན་ལ་ཚུལ་གསུམ་མི་འཕེན་པའོ། །སྒྲུབ་བྱེད་མི་འཕེན་པའི་ཚུལ་ལ་གསུམ་སྟེ། སྤྱིར་སྒྲུབ་བྱེད་མི་འཕེན་པ་དང་། དེ་འཕེན་ཀྱང་། སྒྲུབ་བྱེད་གཏན་ཚིགས་ཡང་དག་མི་འཕེན་པ་དང་། གཏན་ཚིག་ཡང་དག་འཕེན་ཀྱང་། སྒྲུབ་པའི་ཐལ་འགྱུར་ཡང་དག་ཏུ་མི་རུང་བ་རྣམས་སོ། །འོ་ན་སྤྱིར་ཐལ་འགྱུར་ཡང་དག་ཏུ་འགྲོ་བ་ལ། རྟགས་ཕ་རོལ་པོས་ཁས་བླངས་པ་ཅིག་དགོས་མོད། ཁྱབ་པ་དང་བསལ་བ་རྒོལ་བ་དེའི་ཚད་མས་ཤེས་པ་ཅིག་དགོས་སམ་ཞེ་ན། དེ་ནི་ཐལ་འགྱུར་ཡང་དག་གི་འཇོག་མཚམས་གང་ཡིན་དཔྱད་དགོས་ཏེ། འཁོར་གསུམ་གང་རུང་ལ་ལན་མི་ཐེབས་པའི་སྒོ་ནས་སམ། ལན་ཐེབས་ཀྱང་། ལན་གྱིས་ཟློག་པར་མི་ནུས་པའི་ཆ་ནས་ཐལ་འགྱུར་ཡང་དག་ཏུ་འཇོག་པའམ། ཡང་། འཁོར་གསུམ་རྒོལ་བའི་བློ་ངོར་ཚང་དུ་རུང་བ་ཙམ་གྱིས་སམ། ཡང་ན། ཚུལ་གསུམ་རྒོལ་བའི་བློ་ངོར་ཚང་ཟིན་པ་ལ། ཐལ་འགྱུར་ཡང་དག་ཏུ་འཇོག་པ་དག་ལས་གང་བདེ་ཞེས་བརྟགས་ནས། དང་པོ་ལྟར་ཁས་ལེན་པ་བདེ་ན་ནི། ཁྱབ་བསལ་མི་ཤེས་པའི་ངོར་ཡང་དེར་འགྱུར་པ་སྲིད་ལ། གཉིས་པ་ལྟར་བདེ་ན་ནི། དེ་མི་སྲིད་དོ། །དེ་ཡང་རིགས་པའི་གཏེར་གྱི་དགོངས་པ་ནི་ལུགས་གཉིས་པ་དེར་གནས་ཤིང་། དང་པོ་ལྟར་ཁས་བླངས་ན། ཅུང་ཟད་སྐྱོང་བདེ་བ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡེ་བདུན་རོལ་མཚོ་ལས་སོ། ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ནི། ཐལ་འགྱུར་ཡང་དག་གང་ཞིག ལྡོག་ན་དོན་གྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་མི་འཕེན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
| Domain | ཚད་མ། |