96777

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་མ་ཤེས་པའི་སྐྱོན་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་མ་ཤེས་པའི་སྐྱོན་བརྒྱད་ནི། ལྷ་མ་སྲིན་སྡེ་བརྒྱད་པོ་ཚུལ་བཞིན་སྒྲུབ་སྟངས་མ་ཤེས་ན་འབྱུང་བའི་གནོད་སྐྱོན་ཏེ། གསང་སྔགས་བཀའི་ཐ་རམ་ལས། སྒྲུབ་མ་ཤེས་པའི་སྐྱོན་བརྒྱད་ལ༔ གིང་ཆིངས་ཀྱིས་མ་བཅིངས་ན་རྒྱལ་ཁྲིམས་གཅོད་པའི་རྒྱལ་པོ་བཞིན་སྙད་ཀ་མང་ལ་ཆེ༔ བདུད་ལ་ཁུགས་ཀྱིས་མ་བཀུག་ན་ཕ་ཚན་དབང་ཆེན་དང་འདྲ་སྟེ་བསྒོ་བ་མི་ཉན༔ བཙན་ལ་སེ་ལོང་མེད་ན་གྲོགས་པོ་ཁྲེལ་མེད་དང་འདྲ་སྟེ་རང་གི་བདུད་དུ་འོང་༔ གནོད་སྦྱིན་ཆུན་གྱིས་མ་བཅུན་ན་གཙོ་བོ་དབང་ཆེན་དང་འདྲ་སྟེ་ལྷ་རྒོད་གྲི་རུ་འཆོར༔ སྲིན་པོ་ཨར་ལ་གཏོད་མ་ཤེས་ན་གཤེད་མ་བཙུན་མོ་དང་འདྲ་སྟེ་རང་སྲོག་རང་གིས་གཅོད་ཉེན་ཡོད༔ གཟའ་རྒོད་ལྟོ་བ་མ་དཀྲུགས་ན་དམག་དཔོན་མེད་པའི་དམག་མི་འདྲ་སྟེ་ལས་རྣམས་རྡུགས༔ ཀླུ་ལ་ལོག་གནོན་མེད་ན་སྦྲུུལ་སྙུག་དོང་དུ་བཅུག་པ་དང་འདྲ་སྟེ་རང་ལ་ལོག་ཉེན་ཡོད༔ མ་མོ་དབང་དུ་མ་འདུས་ན་གཟའ་དཔོན་མེད་པའི་བྱི་མོ་དང་འདྲ་སྟེ་འཁུ་ལྡོག་མང་ཞིང་ལས་ལ་གཡེལ་ལོ༔ ཞེས་གསུངས།
Domain ཆོས་ལུགས།