96784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་འཇུག་གི་བློ་ (1)
Part of speech མིང་ཚིག
Definition སྒྲུབ་འཇུག་གི་བློ་ཞེས་པ་ནི། རང་ཡུལ་ལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པའི་བློ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་ཡུལ་ཆ་ཤས་སུ་མ་ཕྱེ་བར་འཇུག་པའི་རིག་པ། སྒྲུབ་འཇུག་གི་བློའི་མཚན་ཉིད། དེ་དང་རྟོག་མེད་ཀྱི་ཤེས་པ་དོན་གཅིག དེ་ལ་དབྱེ་ན། སྒྲུབ་འཇུག་གི་བློ་དོན་མཐུན་དང་། སྒྲུབ་འཇུག་གི་བློ་དོན་མི་མཐུན་གཉིས་ལས། སྔོན་འཛིན་མངོན་སུམ་དང་པོ་དང། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་གཉིས་པ་ཡིན། དང་པོ་དང་། རྟོག་མེད་མ་འཁྲུལ་བའི་ཤེས་པ་དོན་གཅིག། གཉིས་པ་དང་རྟོག་མེད་འཁྲུལ་ཤེས་དོན་གཅིག་ཞེས་གསུངས།
Domain ཚད་མ།