96799

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་ལྡོག་རིགས་གཅིག་པ་ (1)
Part of speech མིང་ཚིག
Definition ལྡོག་པ་རིགས་གཅིག་པའི་བྱེ་བྲག་ཅིག་སྟེ། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་པ་ཞེས་པ་བརྡ་ལ་བྱང་མ་བྱང་གི་གང་ཟག་གང་གིས་ཀྱང་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་སྐྱེད་ནུས་པའི་དངོས་པོ། དྲིལ་བུའི་སྒྲ་དང་གླིང་བུའི་སྒྲ་ལྟ་བུ་བེམ་པོའི་ཆ་དང༌། སྔོ་འཛིན་མིག་ཤེས་དང་ཁྲར་འཛིན་མིག་ཤེས་ལྟ་བུ་ཤེས་པའི་ཆ་དང༌། བུམ་པའི་མི་རྟག་པ་དང་ཀ་བའི་མི་རྟག་པ་ལྟ་བུ་ལྡན་མིན་འདུ་བྱེད་ཀྱི་ཆ་བཅས་རང་ཡིན་གྱི་ལྡོག་པ་རིགས་མཚུངས་པ་རྣམས་སོ། །
Domain ཚད་མ།