96800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲུབ་སྡེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྒྲུབ་སྡེ་ནི། འོད་གསལ་སྙིང་པོ་ལས། ཟབ་པ་ཐུན་མིན་བྱེ་བྲག་གི་རྒྱུད་ལ་ཡང་རྒྱ་ཆེ་བ་བརྒྱུད་སྡེ་དང་། ཟབ་མོ་སྒྲུབ་སྡེ་གཉིས་སུ་ཡོད། ཅེས་གསུངས་པ་ལྟར། མ་ཧཱ་ཡོ་གའི་རྒྱུད་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་ཕྱེ་བའི་ནང་གསེས། ཟབ་པ་ཐུན་མིན་སྙིང་པོའི་རྒྱུད་ཀྱི་ཡ་གྱལ་ཟབ་མོ་སྒྲུབ་སྡེ་སྟེ། འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང༌། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་བཅས་བརྒྱད་དེ། འདི་དག་ལ་སྒྲུབ་པ་བཀའ་བརྒྱད་ཅེས་གྲགས་ཤིང་། འདི་ལའང་ནང་གསེས་སུ་བཀའ་གཏེར་གྱི་བབ་ཚུལ་གཉིས་སུ་བཞུགས་སོ། །
Domain ལྟ་གྲུབ།