96829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོ་བ་ཤིང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྡོང་ཐུང་ཤིང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྐྱ་སྨུག་ཕྲ་ལ་མདའ་སྨྱུག་གཙང་མ་པར་ཡང་ཡལ་ག་མེད་པར་ལྡེམ་ལ་རིང་ཞིང་སྤུ་དཀར་རྩུབ་པོ་ཡོད་པ་དང༌། ལོ་མ་སྐྱ་ལ་མཐུག་ཅིང་འཇམ་པ་རྒྱབ་དཀར་པོ་སྙིང་དབྱིབས་ཅན་གྱི་མཐར་ཉག་ཆེན་ཡོད་ལ་སྤུ་དཀར་འཇམ་པོས་ཁྱབ་པ། ངར་པ་ཅུང་རིང་བ་འཁོར་མར་རམ་མཐའ་ནས་རུབ་པའི་ཚུལ་གྱིས་རིམ་པས་སྐྱེས་ཡོད་པ། མེ་ཏོག་རྒྱ་དཀར་དང་རྒྱ་དམར་ཆུང་བ་བྱུར་ཚོམ་འདྲ་བ། བོད་ཟླ་བཞི་པའི་ནང་ལོ་མ་མ་རྒྱས་གོང་འཆར་བ་བཅས། བོད་ཀྱི་ས་བབ་མཐོ་ཙམ་ཡིན་པའི་ལྷ་སའི་ཉེ་འདབས་དང༌། ལྷོ་ཁ། གཙང་ཁུལ་སོགས་ཀྱི་རི་མ་ལྡེབས་སུ་སྐྱེ་བ་མང༌། བོད་ཟླ་གསུམ་པའམ་དགུ་པ་གང་རུང་ལ་ཡལ་ག་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་སྐམ་པས་ཚད་རྙིང་ཞེན་པ་སེལ་ཞིང་རྨའི་སྐྲངས་པོ་ལ་ཕན་པ་ཡིན།