96835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྒྲོ་འདོགས་ (1)
Part of speech མིང་ཚིག
Definition སྒྲོ་འདོགས་ཀྱི་མཚན་ཉིད་ནི། གནས་ལུགས་ཀྱི་དོན་ལས་མཐའ་གཞན་དུ་རྟོག་པའི་ཞེན་བློ། དབྱེ་ན། རྟོག་པ་ལོག་ཤེས་དང་ཐེ་ཚོམ་གཉིས་སུ་ཡོད་པ་ཡིན་གྱི། རྟོག་མེད་ལོག་ཤེས་རྣམས་ནི་དེ་མ་ཡིན་ཏེ། སྒྲོ་འདོགས་དང་ངེས་ཤེས་གཉིས་ཀ་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་མི་འབྱུང་བ་གང་ཞིག། ཟླ་བ་གཉིས་སྣང་གི་དབང་ཤེས་དང་། ཟླ་གཉིས་མེད་པར་ངེས་པའི་ངེས་ཤེས་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འབྱུང་བའི་ཕྱིར། །ཞེེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།